གཞས་ཚིག ༼དབྱངས་གསལ།༽\r
ལྷ་ཡི་ཐོག་མ་ཕྱག་ན་པད་དཀར་ཡིན།\r
བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ཡིན།\r
མཁར་གྱི་ཐོག་མ་ཡུམ་བུ་བླ་སྒང་ཡིན།\r
དགོན་གྱི་ཐོག་མ་བསམ་ཡས་གཙུག་ལག་ཁང་།\r
ལོ་ཙའི་ཐོག་མ་ཐོན་མི་སམ་བྷོ་ཊ།\r
ཁོང་གིས་རྒྱ་གར་ཡི་གེ་དཔེ་བླངས་ནས་གསལ་བྱེད་ཉེར་བཞི་གཏན་ལ་ཕབ།\r
བོད་སྐད་གདངས་ཀྱི་དགོས་པ་བཞིན།\r
སྟོད་དུ་ཅ་ཆ་ཇ་གསུམ་དང་། སྨད་དུ་ཞ་ཟ་འ་གསུམ་བཅས།\r
གསར་དུ་བསྣན་པའི་ཡེ་གེ་དྲུག དེ་ལྟར་གསལ་བྱེད་སུམ་ཅུ་སྟེ།\r
ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ།\r
དབྱངས་བཞི་ནི། གི་གུ་ཞབས་ཀྱུ་འགྲེང་བུ་ན་རོ། ཨི་ཨུ་ཨེ་ཨོ།\r
རྗེས་འཇུག་བཅུ་ནི། ག་ང་ད་ན་བ་མ་འ་ར་ལ་ས་ནི་རྗེས་འཇུག་བཅུ།\r
སྔོན་འཇུག་ལྔ་ནི། ག་ད་བ་མ་འ་སྔོན་འཇུག\r
ཡང་འཇུག་ནི། ད་ས་གཉིས་ནི་ཡང་འཇུག་ཡིན།\r
བོད་ལ་རིག་གནས་ཆེ་ཆུང་དུ་ཡོད། ཆེ་ལྔ་དང་ཆུང་བ་ལྔ།\r
ཆེ་བ་ལྔ་ནི། སྒྲ་རིག་པ། བཟོ་རིག་པ། གསོ་བ་རིག་པ། ཚད་མ་རིག་པ། ནང་དོན་རིག་པ།\r
ཆུང་བ་ལྔ་ནི། སྙན་ངག་མངོན་བརྗོད་སྡེབ་སྦྱོར་ཟློས་གར་སྐར་རྩིས་ལྔ་ཡིན།། །།